༸གོང་ས་མཆོག་ལ་བཀྲིན་གཏང་རག་གི་བརྟན་བཞུགས་འབུལ།
2014.07.13
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་ཀྱི་རྒྱལ་ས་སླེ་ནང་དུ་དུས་འཁོར་དབང་ཆེན་ཐེངས་༣༣ པ་ལེགས་པར་གྲུབ་སྟེ། དེ་རིང་ཕྱི་ཚེས་༡༣ ཉིན་དད་ལྡན་ཕྱི་ནང་མི་དམངས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་བསྩལ་གནང་བས་མ་ཟད། ༸གོང་ས་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
སྐབས་དེར་དགའ་ལྡན་ཁྲི་རིན་པོ་ཆེས་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་ཅིང། ལ་དྭགས་ནང་པའི་ཚོགས་པ་དང་དགོན་པའི་ཚོགས་པ། ཀོང་པོ་གཞིས་བྱེས་ཚོགས་པ། ཇོ་ནང་ཆོས་བརྒྱུད་བཅས་ཀྱི་སྐུ་ཚབ་ནས་དད་ལྡན་མི་དམངས་ཀྱི་ཚབ་ཞུས་ཏེ་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། དེར་ཕེབས་པའི་ཇ་མུ་ཀ་ཤི་མར་སྤྱི་ཁྱབ་བློན་ཆེན་མཆོག་གིས། ༡༩༧༦ ལོར་ཁོང་གི་མེས་པོ་དང་། ༡༩༨༨ ལོར་ཁོང་གི་ཡབ་བཅས་ནས་རིམ་པ་བཞིན་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གནང་བའི་སྐབས་༸གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་བའི་སྐབས་འཁེལ་ཡོད་ལ། ད་རེས་དུས་འཁོར་བཀའ་དབང་བསྩལ་བའི་སྐབས་ཁོང་གིས་སྤྱི་ཁྱབ་བློན་ཆེན་གྱི་ཐུགས་འགན་བཞེས་པའི་དུས་འཁེལ་བ་སོགས་སྐལ་པ་བཟང་པོ་བྱུང་བའི་གཏམ་བཤད་གནང་ཡོད་པ་རེད། ༸གོང་ས་མཆོག་ནས་ཀྱང་སྤྱི་ཁྱབ་བློན་ཆེན་ཁོང་གི་ཁྱིམ་ཚང་གི་མི་རབས་གསུམ་གྱིས་བོད་དོན་ཐོག་ཐུགས་འཁུར་ཆེ་བཞེས་གནང་ཡོད་པར་བསྔགས་བརྗོད་མཛད་འདུག འབྲེལ་ཡོད་དུས་འཁོར་གྲ་སྒྲིག་ཚོགས་ཆུང ནས། འདི་ལོ་ལ་དྭགས་སུ་ཆོས་ཞུ་བའི་གྲངས་འབོར་ནི་ཆིག་འབུམ་དྲུག་ཁྲི་སུམ་སྟོང་ལྷག་ཙམ་བཅར་ཡོད་པའི་གསལ་བསྒྲགས་གནང་འདུག།
<p>པ་སངས་ཚེ་རིང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ།<p/>
<p> བློ་བྷེ་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ།<p/>
<p>ཉི་མ་ལགས་སྐལ་ལྡན་བློ་གྲོས་ལགས་དང་ལྷན་དུ་གླེང་བའི་ལས་རིམ།<p/>

<p>ངག་ཆོས་ལགས་ཀྱིས་ཚེ་བརྟན་རྣམ་རྒྱལ་ལགས་དང་ལྷན་དུ་གླེང་བའི་ལས་རིམ།<p/>