དུས་དབང་ལ་དངོས་སུ་མེད་ན་ཡང་འདུན་པ་བཏང་མཁན་ཡོངས་ལ་སྨོན་ལམ་ཡོད།


2014.07.11
དུས་དབང་ལ་དངོས་སུ་མེད་ན་ཡང་འདུན་པ་བཏང་མཁན་ཡོངས་ལ་སྨོན་ལམ་ཡོད། ༸གོང་ས་མཆོག་ནས་ལ་དྭགས་ལ་དུས་འཁོེར་དབང་ཆེན་ཐེངས་༣༣་པ་སྩོལ་བཞིན་པ།
༸སྐུ་སྒེར་དྲ་གནས།
༄༅༎དེ་རིང་ཕྱི་ཚེས་༡༡རེས་གཟའ་པ་སངས་ལ་དྭགས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཉིན་དགུ་པའི་ཐོག སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་བལ་འབྲུག་གསུམ་དང་བོད། དེ་བཞིན་འཛམ་གླིང་ནང་གི་རྒྱལ་ཁབ་༧༢ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་༡༤༥༠༠༠ཙམ་ལ་བཀའ་དབང་བསྩལ་སྐབས། དེ་རིང་འདི་གར་ས་གནས་སུ་དངོས་སུ་ཡོད་པ་རྣམས་དང་དེ་བཞིན་ས་གནས་སུ་དངོས་སུ་མེད་ན་ཡང་འདུན་པ་བཏང་སྡོད་མཁན་ཡོངས་ལ་མགོན་པོ་གང་ཉིད་མཆོག་རང་ཉིད་ནས་དམིགས་འོག་ལ་སྐྱོང་ནས་སྨོན་ལམ་སྐྱོན་གྱི་ཡིན་ཞེས་བཀའ་བསྩལ་གནང་མཛད་ཡོད་པའི་སྐོར། ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་པ་སངས་ཚེ་རིང་ལགས་ཀྱིས་ས་གནས་ནས་བཏང་བའི་གནས་ཚུལ་ལ་གསན་རོགས༎

 

 

གསར་འགོད་པ་པ་སངས་ཚེ་རིང༌།

 

ཡང་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་དུས་འཁོར་དབང་ཆེན་ཐེངས་༣༣པར་ཕེབས་པའི་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་ཁག་གཅིག་ལ་འབྲེལ་ཡོད་གནས་ཚུལ་བཅར་འདྲི་ཞུས་པ་ཞིག་གཤམ་ལ་གསན་རོགས༎

 

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎