ས་མིག་སྟོང་པའི་གསལ་བསྒྲགས།
2009.04.24
དགོས་ངེས་ཆ་རྐྱེན།
༡༽ ཨམ་སྐད་ལ་བྱང་ཆ་ཡོད་པའི་ཐོག་ཉུང་མཐར་བོད་ཡིག་གི་ཤེས་ཚད་མཐོ་སློབ་ཐོན་པའམ་ ཡང་ན་མཐོ་སློབ་ཐོན་པའི་ཤེས་ཚད་ཡོད་པ་ཁུངས་ལྡན་ར་སྤྲོད་ཐུབ་པའི་ཡིག་ཆ།
༢༽ དབྱིན་ཡིག་དང་། ཡང་ན་རྒྱ་ཡིག་དང༌།ཧིན་རྡི་གང་རུང་གི་ཤེས་ཚད་རང་སྐྱར་འཕེར་ངེས་ཡོད་པ།
༣༽ བོད་ཕྱི་ནང་དང་། རྒྱ་ནག རྒྱ་གར། རྒྱལ་སྤྱིའི་གནས་སྟངས་སོགས་ཀྱི་ཐད་ཤེས་ཚད་གང་ལེགས་ཡོད་པ།
༤༽ དྲང་བདེན་དང་ཕྱོགས་ལྷུང་མེད་པར་ཁྱོན་ཡོངས་ཀྱི་གནས་ཚུལ་མཁོ་སྒྲུབ་བྱེད་ཐུབ་པ།
༥༽ སྲིད་གཞུང་དང༌། ཆབ་སྲིད་ཀྱི་ཚོགས་པ། ཆོས་ལུགས་སྡེ་ཁག་གང་རུང་དང་མ་འབྲེལ་བར་གསར་འགོད་པའི་ངོ་བོར་གནས་ཐུབ་པ།
༦༽ གསར་འགྱུར་ལས་རིགས་ཀྱི་སློབ་སྦྱོང་དང་ཉམས་མྱོང་ཡོད་མཁན་ལ་དམིགས་བསལ་དགོངས་བཞེས་ཡོད།
གོང་གསལ་ས་མིག་ཐོག་ལས་ཀ་བྱེད་འདོད་ཡོད་ཚེ་གཤམ་གསལ་ཁ་བྱང་ཐོག་སློབ་ཐོན་ལག་འཁྱེར་དང་དོ་དག་གི་ལོ་རྒྱུས། གསར་འགོད་པའི་ལས་ཀ་བྱེད་འདོད་ཡོད་པའི་རྒྱུ་མཚན་དང་ས་མིག་འདིར་སྙན་ཞུ་ཕུལ་དགོས་པའི་དམིགས་ཡུལ་མདོར་བསྡུས་ཤིག་བཅས་ཕྱི་ལོ་ ༢༠༠༩ ཟླ་བ་ ༥ ཚེས་ ༡༥ འགྱངས་མེད་ངེས་འབུལ་ཡོང་བའི་དགོངས་གསལ་བརྡ་རུ།
Dolma Chhonzom
Radio Free Asia
Tibetan Service
2025 M Street NW
Washington, DC 20036
USA
Tel: 1-202-266-4085
Email: chhonzom@rfa.org