བོད་རང་བཙན་ཆེད་གོམ་བགྲོད་མུ་མཐུད།
2011.02.19
༄༅༎ཐེངས་འདིའི་འཛམ་གླིང་ས་ཡི་ཡང་ཐོག་གི་ལེ་ཚན་ནང་དུ་ཕྱི་ཚེས་༡༧ཉིན་འཇིགས་མེད་ནོར་བུ་ལགས་ཀྱི་སྐུ་ཕུང་Bloomingtonརུ་ཞུགས་འབུལ་ཞུས་ཡོད་པ་དང༌།ཁོང་གི་གཅེན་པོ་འབྲིང་བ་ཀུན་དགའ་ནོར་བུ་ལགས་དང་།སྲས་བགྲེས་པ་བསྟན་འཛིན་ལགས་ཀྱིས་ཕལོ་རི་ཌ་ནང་གི་གོམ་བགྲོད་དེ་མཇུག་སྐྱོང་གནང་རྒྱུ་ཡིན་སྐོར་རིག་ལྡན་སྒྲོལ་མ་ལགས་ཀྱིས་ཕྱོགས་བསྒྲིགས་ཞུས་པར་གསན་རོགས༎