ཨིན་ཡུལ་གྱི་གཞིས་སྤོའི་སྲིད་ཇུས།
2013.02.05
༄༅༎ཐེངས་འདིའི་འཛམ་གླིང་སྐར་ཁུང་གི་ལེ་ཚན་ནང་།ཨིན་ཡུལ་ནང་མ་འོངས་པར་ཕྱི་མི་གཞིས་སྤོ་བྱེད་མཁན་མང་པོ་ཡོད་པའི་ཉེན་ཁ་མཐོང་སྟེ།ཨིན་ཇིའི་གཞུང་གིས་ཕྱི་མི་གཞིས་ཆགས་ཀྱི་སྲིད་ཇུས་དམ་དུ་གཏོང་རྒྱུའི་འཆར་གཞི་བྱེད་ཀྱི་ཡོད་པའི་གནད་དོན་དང་འབྲེལ་བའི་སྐོར་ངག་དབང་ཆོས་འཕེལ་ལགས་ཀྱིས་ཨིན་ཇིའི་རྒྱལ་ས་ལོན་ཌོན་ནང་ཡོད་པའི་གཙུག་ལག་སློབ་གྲྭ་ཞིག་ཏུ་རྒྱལ་སྤྱིའི་འབྲེལ་ལམ་སྐོར་སློབ་འཁྲིད་གནང་མཁན་ཚེ་རིང་སྟོབས་རྒྱལ་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎