བློ་བཟང་ངག་དབང་གི་ལོ་རྒྱུས་༤།
2010.09.14
༄༅༎ཐེངས་འདིའི་བཙན་བྱོལ་གྱི་མི་ཚེ་ཞེས་པའི་ལེ་ཚན་གྱི་ནང་དུ་མདོ་སྟོད་དམར་ཁམས་དགའ་ཐོ་ཟེར་བར་༡༩༣༠ལོར་འཁྲུངས་པ་བློ་བཟང་ངག་དབང་ལགས་ཀྱི་ལོ་རྒྱུས་ལས་ཁོང་ཡང་ཆུ་བཞི་སྒང་དྲུག་བསྟན་སྲུང་དྭང་བླངས་དམག་ཞབས་ཚོ་དང་མཉམ་དུ་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་རྗེས་ལོ་ཤས་རིང་གློ་སྒྲིག་འཛུགས་ནང་བཞུགས་པ་དང༌།དེ་ནས་བོད་དང་རྒྱ་གར་གྱི་ས་མཚམས་སྲུང་དམག་ནང་ལོ་ལྔ་ཙམ་ཞུགས་རྗེས།མཐར་ད་ལྟ་འཚོ་བཞུགས་གནང་སའི་སྦེལ་ཀོབ་གཞིས་ཆགས་ནང་བོད་རང་བཙན་གྱི་རེ་བ་སྙིང་དུ་བཅངས་ཏེ་བཞུགས་བཞིན་ཡོད་པའི་དངོས་མྱོང་ལོ་རྒྱུས་ཀྱི་དུམ་བུ་ཞིག་རྩོམ་སྒྲིག་འགན་འཛིན་འབེན་པ་སྟོབས་རྒྱལ་ལགས་ཀྱིས་ངོ་སྤྲོད་གནང་བར་གསན་རོགས༎