ནང་སྲིད་བཀའ་བློན་མཆོག་ནས་གལ་ཆེ་སྐུ་མགྲོན་ལ་སྣེ་ལེན་གནང་བ།
2013.06.14
༄༅༎ཐེངས་འདིའི་ཤེས་བྱའི་ལྡུམ་ར་ཞེས་པའི་ལེ་ཚན་ནང་དུ། ཉེ་ཆར་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཁྲིམས་དཔོན་ཆེ་བ་སོགས་རྒྱ་གར་གྱི་ས་གནས་མཐོ་རིམ་དཔོན་རིགས་ཁག་ཅིག་གིས་༸གོང་ས་མཆོག་མཇལ་ཁ་ཞུས་ཡོད་པ་དང༌། ནང་སྲིད་བཀའ་བློན་མཆོག་གིས་གལ་ཆེའི་སྐུ་མགྲོན་རྣམས་ལ་མཇལ་འཕྲད་སྣེ་ལེན་གནང་ཡོད་པ་བཅས་ཀྱིས་འབྱུང་འགྱུར་ཧིན་བོད་མཛའ་འབྲེལ་དེ་བས་དམ་ཟབ་འགྲོ་རྒྱུར་ཤུགས་རྐྱེན་ཇི་ཡོད་ཀྱི་སྐོར། ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རྒྱ་གར་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་མི་བསྟན་འཛིན་བཙུན་འགྲུས་ལགས་སུ་བཀའ་འདྲི་ཞུས་པར་གསན་རོགས་ཞུ༎