རྒྱ་གར་ལྷོ་ཕྱོགས་སུ་ཞི་བའི་གོམ་བགྲོས་གནང་རྒྱུ།
2008.04.09
༄༅། །ཐེངས་འདིའི་སློབ་གསོའི་མདུན་བགྲོས་ཀྱི་ལེ་ཚན་ནང༌། རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་ནང་ད་ལོ་དགེ་ལུགས་རྒྱུགས་སྤྲོད་ལ་ཕེབས་མཁན་དགེ་བཤེས་བརྒྱ་སྐོར་ཞིག་གིས་ ཟླ་བ་འདིའི་ཚེས་ ༡༥་ ཉིན་འཛམ་གླིང་གི་ནང་པ་ཚོར་དམིགས་བསལ་འབོད་སྐུལ་དང་རྒྱ་མི་རིགས་ཚོར་བོད་མི་སྤྱི་ཡོངས་ཀྱི་མངོན་འདོད་རེ་བ་ཇི་ཡིན་གོ་རྟོགས་སྤེལ་ཐབས་སུ་ རྒྱ་གར་ཨན་དྲ་པྲདེཤ་མངའ་སྡེའི་གྲོང་ཁྱེར་ཧེ་དྲ་བཱད་ནང་ཞི་བའི་གོམ་བགྲོས་དང་གནས་མཆོག་ཨ་མར་ཝ་ཏི་ནང་སྨོན་ལམ་གསུང་འདོན་གནང་རྒྱུའི་འཆར་གཞི་ཡོད་པའི་སྐོར་ རིག་ལྡན་སྒྲོལ་མ་ལགས་ནས་ལས་འགུལ་དེ་འཆར་འགོད་གནང་མཁན་སྐུ་ཞབས་ཨ་ཀྲུག་ཚེ་བརྟན་ལགས་སུ་གནས་འདྲི་ཞུས་པར་གསན་རོགས་གནང༌༎