རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས།
2008.05.23
༄༅༎ཐེངས་འདིའི་སློབ་གསོའི་མདུན་བགྲོས་ཀྱི་ལེ་ཚན་ནང་དུ་རྒྱ་གར་དབུས་གཞུང་ཤེས་རིག་ལས་ཁང་ནས་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཆེན་མོའི་གྲུབ་འབྲས་ཀྱི་གསལ་བསྒྲགས་གནང་ཡོའི་ནང་བོད་རིགས་སློབ་ཕྲུག་གྲངས་༡༡༤༠འཛུལ་བཞུགས་བྱས་པའི་ཁོངས་ནས་སློབ་ཕྲུག་གྲངས་༡༠༢༢ཡིག་རྒྱུགས་གྲུབ་འབྲས་འཕྲོད་ཡོད་པ་དང་། འདི་ལོའི་ཡིག་རྒྱུགས་ནང་རྒྱ་གར་རྒྱལ་ཡོགས་ཆ་མཉོམ་ལས་བོད་རིགས་སློབ་ཕྲུག་ཚོར་བརྒྱ་བཞི་མཐོ་བ་ཡོད་པ་སོགས་ཀྱི་སྐོར་རིག་ལྡན་སྒྲོལ་མ་ལགས་ནས་བཙན་བྱོལ་བོད་གཞུང་ཤེས་རིག་ལྷན་ཁང་གི་ཤེས་རིག་འགན་འཛིན་སྐུ་ཞབས་ཚེ་རིང་ཕུན་ཚོགས་ལགས་སུ་གནས་འདྲི་ཞུས་པར་གསན་རོགས་གནང༌༎