རྒྱ་དཀར་ནག་གི་འབྲེལ་བ་དང་བོད་ཀྱི་གནད་དོན།
2008.05.22

ཡེ་ཤེས་བཀྲ་ཤིས།
༄༅།།ཐེངས་འདིའི་ལྷོ་ཨེ་ཤེ་ཡའི་ལེ་ཚན་ནང༌དུ་ཕྱི་ཟླ་ ༥ ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་ཨ་མེ་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་དུ་རྟེན་གཞི་བྱེད་པའི་ཆབ་སྲིད་ཉམས་ཞིབ་ལྟེ་གནས་ཁང་དུ་རྒྱ་གར་གྱི་གྲོས་ཚོགས་གོང་མའི་ཚོགས་མི་དང༌རྒྱ་གར་གྱི་གསར་ཤོག་གྲགས་ཅན་ཨིན་ཌི་ཡེན་ཨེཀྶ་པྲེས྄་ཡི་རྩོམ་སྒྲིག་འགན་འཛིན་མཁས་དབང་ཨ་རུན་ཤོ་རི་ཡིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་བོད་ཀྱི་གནད་དོན་ཐོག་གསུང་བཤད་གནང་སྐབས་རྒྱ་གར་གིས་བོད་ཐོག་འཛིན་པའི་ལངས་ཕྱོགས་དེ་སྐྱོན་ཅན་ཞིག་ཡིན་པ་གསུངས་པའི་སྐོར་བློ་བཟང་ཡེ་ཤེས་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས་གནང༌༎