བོད་རང་བཙན་གསལ་བསྒྲགས།
2013.01.22
བོད་རང་བཙན་སློབ་ཕྲུག་ཚོགས་པ།
༄༅༎༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་ནས་ཕྱི་ལོ་༡༩༡༣ཟླ་བ་༢ཚེས་༡༤དང་བོད་རྒྱལ་ལོ་༢༠༤༠རབ་འབྱུང་བཅོ་ལྔ་པའི་ཆུ་གླང་བོད་ཟླ་༡ཚེས་༨ཉིན་བོད་རང་བཙན་གྱི་ཡོངས་ཁྱབ་གསལ་བསྒྲགས་གནང་ནས་མི་ལོ་བརྒྱ་འཁོར་བའི་དུས་དང་བསྟུན་བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་རང་བཙན་གྱི་ཉིན་མོར་སྲུང་བརྩི་ཞུ་འཆར་དང་།འཛམ་གླིང་གི་ས་ཕྱོགས་གང་སར་ལས་འགུལ་འདྲ་མིན་སྤེལ་རྒྱུ་ཡིན་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎