སེམས་དང་སྲོག་གི་ཚོགས་འདུ་དབུ་འཛུགས།
2013.01.17
Photo: RFA
![]() |
གསར་འགྱུར་ལ་གསན་རོགས། |
༄༅། །དེ་རིང་ཕྱི་ཚེས་༡༧ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་བཞུགས་ཐོག་སེམས་དང་སྲོག་གི་ཚོགས་འདུ་ཐེངས་༢༦པ་དེ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་རྟེན་གཞི་བྱེད་པའི་འབྲས་སྤུངས་དགོན་པར་དབུ་འཛུགས་གནང་ཡོད་པ་དང་། དེ་རིང་ཚོགས་འདུའི་ཉིན་དང་པོའི་ཐོག་༧གོང་ས་མཆོག་ནས་ཆོས་བྱེད་དགེ་འདུན་པ་ཚོར་དགོངས་ནས་བཀའ་གནང་སྐབས། ཚན་རིག་གི་ཐོག་ལ་དོ་སྣང་དགོས་པ་དེ་ལྟར་ཡང་། རང་ཉིད་ནས་ད་བར་སློབ་གཉེར་བྱེད་བཞིན་པའི་ནང་དོན་རིག་པའི་ཐོག་ལ་འཐུས་ཤོར་མ་ཡོང་བ་ངེས་པར་དུ་བྱེད་དགོས་པའི་ལམ་སྟོན་གནང་འདུག ཞིབ་ཕྲ་ཁུལ་དེར་ཡོད་པའི་ང་ཚོའི་གསར་འགོད་པ་པདྨ་དངོས་གྲུབ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།།