ཁེ་ན་ཌ་གཞུང་ཚབ་དང་མཇལ་འཕྲད།
2013.05.02

བོད་མིའི་སྒྲིག་འཛུགས།
༄༅༎དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་བཀའ་བློན་མཆོག་གིས། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནང་གི་བོད་མིའི་གཞིས་ཆགས་ཁག་ནས་ཁེ་ན་ཌ་ལ་གཞིས་སྤོ་བྱ་ཕྱོགས་སྐོར། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཡོད་པའི་ཁེ་ན་ཌའི་གཞུང་ཚབ་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣ་དང་ལྷན་བཀའ་མོལ་གནང་ཡོད་པའི་སྐོར། འདི་གའི་གསར་འགོད་པ་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་ལྡི་ལི་ནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎