ཡུ་རོབ་མངའ་ཁུལ་གྱི་གཞུང་ཁག་གིས་རྒྱ་ནག་ལ་རེ་སྐུལ།
2013.05.11

ཨེ་ཨེཕ་པི།
༄༅༎ཡུ་རོབ་མངའ་ཁུལ་གྱི་གཞུང་ཁག་གིས་རྒྱ་ནག་གཞུང་ལ་བོད་ནང་གི་ཛ་དྲག་གནང་སྟངས་སེལ་དགོས་པའི་རེ་སྐུལ་མཛད་གནང་ཡོད་པ་མ་ཟད། བོད་ནང་གཟིགས་སྐོར་རྟོག་ཞིབ་ཏུ་ཕེབས་འདོད་ཡོད་རྒྱ་ནག་གཞུང་ནས་གོ་སྐབས་བསྐྲུན་དགོས་ཞེས་བོད་དོན་ལ་ཐུགས་འཚབ་ཡོད་པའི་རྣམ་འགྱུར་གསལ་སྟོན་གནང་ཡོད་པའི་སྐོར། ཡུ་རོབ་མངའ་ཁུལ་གྱི་༸གོང་ས་མཆོག་གི་སྐུ་ཚབ་དོན་གཅོད་སྐུ་ངོ་སྐལ་བཟང་རྒྱལ་མཚན་མཆོག་ནས་འདི་ག་རླུང་འཕྲིན་ཁང་དུ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎