འབྲས་ལྗོངས་སུ་ཆིབས་བསྒྱུར་གནང་རྒྱུ།
2013.02.06
འབྲས་ལྗོངས་མངའ་སྡེ་གཞུང༌།
༄༅༎རྒྱ་གར་བྱང་ཕྱོགས་མངའ་སྡེ་འབྲས་ལྗོངས་གཞུང་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་གསུམ་པའི་ནང་འབྲས་ལྗོངས་ཀྱི་ར་བང་ལར་སྟོན་པའི་སྐུ་བརྙན་དང་སྐྱེད་མོས་ཚལ་གསར་བཞེངས་གནང་བ་དེ་དབུ་འབྱེད་རབ་གནས་གནང་ཆེད་ཆིབས་བསྒྱུར་གནང་གཏན་འཁེལ་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དོན་གྲུབ་རྡོ་རྗེ་ལགས་ཀྱིས་སྐུ་ཚབ་དོན་གཅོད་ཁང་གི་འགན་འཛིན་སྐུ་ཞབས་ཀརྨ་དགྲ་འདུལ་ལགས་སུ་གནས་འདྲི་ཞུས་པར་གསན་རོགས༎