བོད་མི་དགུ་ཕྱིར་འབུད་བྱས་འདུག
2012.06.06
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། ཐུབ་བསྟན་སངས་རྒྱས།
༄༅༎ཕྱི་ཟླ་༥ཚེས་༢༦ཉིན་བོད་མི་ན་གཞོན་དགུ་བོད་དུ་ཕྱིར་ལོག་སྐབས་བལ་བོད་ས་མཚམས་སུ་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ཁོང་ཚོའི་མི་སེར་ལག་འཁྱེར་འཕྲོག་རྗེས་བལ་ཡུལ་གཞུང་གི་ཕྱི་མི་ཞིབ་བཤེར་ལས་ཁུངས་ལ་རྩིས་སྤྲོད་བྱས་ཡོད་པ་དང༌།ཕྱི་ཟླ་༦ཚེས་༥ཉིན་བལ་ཡུལ་སྣེ་ལེན་ཁང་དང་།རྒྱལ་སྤྱིའི་སྐྱབས་བཅོལ་ལྟ་རྟོག་ལས་ཁུངས་ཀྱི་ལས་བྱེད།འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ལས་ཁུངས་ཀྱི་ལས་བྱེད་སོགས་ནས་བོད་མི་རྣམས་གློད་འགྲོལ་ཡོང་ཐབས་བྱེད་བཞིན་ཡོད་པ་སོགས་ཀྱི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཐུབ་བསྟན་སངས་རྒྱས་ལགས་ཀྱིས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎