ཨ་རི་ནིའུ་ཡོག་ས་གནས་བོད་མི་ཚོས་རྒྱ་གཞུང་ལ་ངོ་རྒོལ།
2009.02.25
![]() |
གསར་འགྱུར་ལ་གསན་རོགས་གནང་། |
༄༅༎དེ་རིང་གི་བཙན་བྱོལ་གྱི་མི་ཚེ་ཞེས་པའི་ལེ་ཚན་ནང་དུ་ཉེ་ཆར་བོད་ཀྱི་ཁམས་ལི་ཐང་ཁུལ་གྱི་བོད་མི་ཚོས་རྒྱ་གཞུང་གི་དབང་བསྒྱུར་ལ་ངོ་ རྒོལ་བྱས་སྐབས་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་འཛིན་བཟུང་བཙོན་འཇུག་བྱས་པའི་བོད་མི་རྣམས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་མཚོན་ཆེད་སྤྱི་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ས་གནས་བོད་རིགས་གཞོན་ནུས་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པའི་སྐོར་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་བོད་རིགས་གཞོན་ནུའི་དྲུང་ཆེ་ཚེ་དབང་མགོན་པོ་ལགས་སུ་ཚེ་དབང་ནོར་བུས་བཀའ་འདྲི་ཞུས་པ་ཞིག་གསན་རོགས་གནང་༎