སིཌ་ནིར་གདན་ཞུ་ཕུལ་ཆོག་པའི་བརྡ་ཐོ།
2013.05.07

༄༅༎ཉེ་ཆར་ཨོས་ཊོ་ལི་སིཌ་ནི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགེ་སློབ་ལ་བཀའ་སློབ་སྩལ་ཆེད་གདན་ཞུ་ཕུལ་ཡོད་ཀྱང་རྒྱ་ནག་གཞུང་གི་གནོན་ཤུགས་འོག་སློབ་བཉེར་འཛིན་སྐྱོང་ཁང་ནས་གདན་ཞུ་ཕྱིར་འཐེན་བྱས་སྟབས་དགེ་སློབ་དང་བོད་དོན་རྒྱབ་སྐྱོར་བ་སྟོང་ཕྲག་མང་པོས་སྐྱོན་བརྗོད་ཀྱི་ངོ་རྒོལ་སྤེལ་རྗེས་མཐོག་སློབ་ཁང་ནས་༸གོང་ས་མཆོག་ལ་གདན་ཞུ་ཕུལ་ཆོག་པའི་གཞུང་འབྲེལ་བརྡ་ཐོ་གསལ་བསྒྲགས་གནང་ཡོད་པའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎