ཁམས་དཀར་མཛེས་ཁུལ་དུ་ལོ་གསར་གཏང་དགོས་པའི་ཚོཊ་འདུ།
2010.01.21
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བོད་ནང་གི་ཞི་རྒོལ་སྐབས།བོད་ཀྱི་བསྟན་སྲིད་ཆེད་དུ་རང་སྲོག་བློས་བཏང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་།འཛིན་བཟུང་བཙོན་འཇུག་བྱས་ཏེ་སྡུགསྦྱོང་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཆེད་དུ།བོད་ནང་གི་བོད་མི་ཚོས་འདི་ལོ་ཡང་ལོ་གསར་སྲུང་བརྩི་བྱ་རྒྱུ་མིན་པའི་གླེང་སློང་བྱེད་བཞིན་ཡོད་པར་བརྟེན།རྒྱ་ནག་གཞུང་གིས་བོད་ཁམས་དཀར་མཛེས་ཁུལ་གྱི་བོད་མི་རྣམས་ལ་འདི་ལོ་ལོ་གསར་གཏང་དགོས་པའི་ཚོགས་འདུ་ཞིག་བསྐོང་ཚོགས་བྱས་ཡོད་པའི་སྐོར།ཚོགས་འདུ་ནང་དངོས་ཞུགས་གནང་མྱོང་མཁན་གྱི་བོད་མི་ཞིག་གིས།འདི་གའི་གསར་འགོ་པ་དཀར་མཛེས་ནོར་བུ་དགྲ་འདུལ་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎