ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ
2013.04.02

གྲྭ་བག་གྲོ
༄༅༎ཕྱི་ཟླ་༤ཚེས་༢ཉིན་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་གྱི་ནང་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྲྭ་བག་གྲོ་ལགས་ནས་རྒྱ་ནག་གི་སྲིད་དབང་འོག་བོད་ནང་བོད་མིའི་ཐོག་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་དང་གཏོང་བཞིན་ཡོད་པའི་ཛ་དྲག་གི་གནས་སྟངས་དང༌།བོད་ནང་གི་རང་བྱུང་གཏེར་ཁ་སྔོག་འདོན་དང་རི་དྭགས་སེམས་ཅན་རྩ་སྟོང་བཟོས་པའི་གནས་ཚུལ་མི་མང་ལ་ངོ་སྤྲོད་གནང་བའི་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཟོད་རྒྱ་མཚོ་ལགས་ནས་གནས་ཚུལ་ཕྱོགས་སྒྲིག་ཞུས་པར་གསན་རོགས༎