བོད་མི་ཚོར་འཇིགས་སྣང་བསྐུལ་བ།
2011.04.14

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་དྲ་གནས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ཉིས་སྟོང་བཅུ་གཅིག་ཟླ་བཞི་པའི་ཚེས་བཅུ་གཅིག་གི་ཉིན། བོད་ཁམས་སྐྱེ་རྒུ་མདོའི་བོད་མི་རྣམས་ཀྱིས་སླར་ཡང་ས་གནས་རྒྱ་ནག་སྲིད་གཞུང་ལ་རང་ས་རང་ལ་དགོས་པའི་འབོད་སྐུལ་གནང་སྐབས། རྒྱ་ནག་སྲིད་གཞུང་གིས་གལ་ཏེ་སླར་ཡང་དེ་ལྟ་བའི་ཞུ་གཏུག་བྱས་པ་ཡིན་ན། རྒྱལ་ཁབ་ཁ་བྲལ་གྱི་ཉེས་དམིགས་འོག་འཛིན་བཟུང་བཙོན་འཇུག་བྱ་རྒྱུ་ཡིན་པའི་འཇིགས་སྣང་བསྐུལ་ཡོད་པའི་སྐོར། གནས་ཚུལ་རྒྱུས་ཡོད་ཀྱི་མི་སྣ་ཞིག་གིས་འདི་གའི་གསར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས་ཞུ༎