ཞི་རྒོལ་སྐོར་གྱི་དཔེ་དེབ།
2010.02.20

བཙན་བྱོལ་བོད་གཞུང་དྲ་གནས།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཁྱོན་ཡོངས་ཀྱི་ནང་བོད་མི་ཚོས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱི་ལས་འགུལ་ཆེན་མོ་སྤེལ་འགོ་བཙུགས་པ་ནས་བཟུང་།མདོ་ཁམས་ཏྲེ་ཧོར་ཁུལ་དུ་གནས་སྡོད་བོད་མི་ཚོས་ཞི་རྒོལ་གྱི་ལས་འགུལ་རྒྱུན་མཐུད་སྤེལ་བ་ཁག་དེབ་ཐེར་དུ་བཀོད་པའི་དཔེ་དེབ་ཞི་རྒོལ་ཆེན་པོ་རྒྱུན་ཆད་མེད་པའི་སྙིང་སྟོབས་ཀྱི་རྦ་རླབས་ཞེས་པ་དེ།བཞུགས་སྒར་དུ་ཕྱི་ཟླ་གཉིས་པའི་ཚེས་བཅུ་དགུ་རེས་གཟའ་པ་སངས་ཀྱི་ཉིན།བཙན་བྱོལ་བོད་གཞུང་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་ཡོད་པའི་སྐོར།འདི་གའི་གསར་འགོད་པ་རྡོ་གཅོད་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎