གྲྭ་བྱམས་པ་བསོད་ནམས་བཙོན་འགྲོལ་ཐོབ་པ།
2013.04.16
༄༅༎ཕྱི་ལོ་༢༠༠༩ལོར་ཁམས་དཀར་མཛེས་ཁྲོམ་གཞུང་དུ་བོད་རང་བཙན་གྱི་སྐད་འབོད་བྱེད་མཁན་དཀར་མཛེས་ཁང་དམར་དགོན་གྱི་གྲྭ་བྱམས་པ་བསོད་ནམས་ལ་རྒྱ་ནག་གཞུང་གིས་ལོ་བཞིའི་བཙོན་ཁྲིམས་བཅད་པ་དང༌།ཉེ་ཆར་ཁོང་གི་བཙོན་ཁྲིམས་དུས་བཀག་ལོ་ཚད་ཚང་ནས་བཙོན་འགྲོལ་ཐོབ་སྐབས་དགེ་འདུན་པ་དང་ས་གནས་བོད་མི་མང་པོས་ཕེབས་བསུ་གནང་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ནོར་བུ་དགྲ་འདུལ་ལགས་ཀྱིས་ཨོ་སི་ཊོ་ལི་ཡ་ནས་གནས་ཚུལ་བཏང་བ་ཞིག་ལ་གསན་རོགས༎