རྒྱལ་སྤྱིའི་གཟེངས་བསྟོད།
2009.09.24

ཨ་ཤི་ཡ་རང་དབང་རླུང་འཕྲིན་ཁང༌། བོད་རྒྱལ།
![]() |
གསར་འགྱུར་ལ་གསན་རོགས། |
༄༅༎ཕྱི་ཟླ་དགུ་པའི་ཚེས་ཉི་ཤུ་རྩ་གསུམ་རེས་གཟའ་ལྷག་པའི་ཉིན།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས།ཨ་རིའི་གྲོང་ཁྱེར་ཊེ་ནི་སིས྄་མངའ་སྡེའི་ནང་རྟེན་གཞི་བྱེད་པའི་ཨ་མི་རི་ཀའི་མི་རིགས་ནག་པོའི་སྤྱི་དམངས་ཀྱི་ཐོབ་ཐང་ལ་འཐབ་རྩོད་གནང་སྟེ།འདས་གྲོངས་སུ་གྱུར་བའི་དབུ་ཁྲིད་དམ་པ་ཌོཀ་ཊར་མར་ཊིན་ལུ་ཐར་ཀིང་ཇུ་ནི་ཡར་མཆོག་བཀྲོངས་སའི་ས་ཁུལ་དུ་ཆིབས་བསྒྱུར་བསྐྱངས་གནང་སྟེ།ཐུགས་སྨོན་བསྩལ་གནང་ཡོད་པ་དང་།མི་རིགས་ནག་པོའི་སྤྱི་དམངས་ཐོབ་ཐང་གི་འགྲེམས་སྟོན་ཁང་ནས་༸གོང་ས་མཆོག་ལ་རྒྱལ་སྤྱིའི་རང་དབང་གི་གཟེངས་བསྟོད་ཅེས་པ་དེ་ཕུལ་ཡོད་པའི་སྐོར།འདི་གའི་ཆེད་གཏོང་གསར་འགོད་པ་བོད་རྒྱལ་གྱིས་ས་གནས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎