ཐུབ་པ་དམ་ཚིག་གསུམ་གྱི་བཀའ་དབང་།
2013.10.03

༄༅། །དེ་རིང་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༣ ཉིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐེའི་དབན་གྱི་ཆོས་ཞུ་བ་གཙོ་བོ་གྱུར་བའི་རྒྱལ་ཁབ་༥༤ནས་ཕེབས་པའི་ཆོས་ཞུ་བ་༥༠༠༠ལྷག་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིག་པ་དྲུག་ཅུ་པ་དང་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་ཆོས་འབྲེལ་དང་ཐུབ་པ་དམ་ཚིག་གསུམ་གྱི་བཀའ་དབང་བསྩལ་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ཞིག་ལ་གསན་རོགས་ཞུ༎