༸གོང་ས་མཆོག་ནས་ལག་ནའུ་བོད་མི་ཚོར་བཀའ་སློབ།
2009.12.18
༄༅༎ཕྱི་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་རེས་གཟའ་ཕུར་བུའི་ཉིན།རྒྱ་གར་གྱི་མངའ་སྡེ་ཨུ་ཏར་པྲ་དེཤ་ཡི་རྒྱལ་ས་ལཀ་ནའུ་ལ་རྟེན་གཞི་བྱེད་པའི་སན་ཇེ་གནྡི་ཡི་སྨན་ཁང་དང་འབྲེལ་བའི་རྒྱ་གར་ཀླད་རྩ་ཚོགས་པ་ཞིག་གིས་ཐེངས་ལྔ་བཅུ་ང་བརྒྱད་ཀྱི་ཚོགས་ཆེན་ཐོག་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན།བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆིབས་བསྒྱུར་བསྐྱངས་གནང་ཡོད་པ་དང་།ས་གནས་བོད་མི་བརྒྱ་དང་ལྔ་བཅུ་ལྷག་ལའང་དམིགས་བསལ་གྱི་བཀའ་སློབ་བསྩལ་གནང་མཛད་ཡོད་པའི་སྐོར།འདི་གའི་གསར་འགོད་པ་ཇོ་ལེབ་ཆོས་འཕེལ་ལགས་ཀྱིས་བཏང་འབྱོར་བྱུང་བའི་གནས་ཚུལ་ཞིག་ལ་གསན་རོགས༎