ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དམིགས་ཡུལ།
2008.04.03
༄༄། །ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ཅིག་གི་ནང་སྨྲ་བརྗོད་ཀྱི་རང་དབང་མེད་པའི་མི་མང་ཚོང་དངོས་བྱུང་ཁུངས་ལྡན་གྱི་གནས་ཚུལ་གོ་རྟོགས་སྤེལ་ཐུབ་པའི་ཆེད་དུ་ཨ་མེ་རི་ཀའི་གྲོས་ཚོགས་ནས་ཕྱི་ལོ་ ༡༩༩༦ ལོར་འགྲོ་གྲོན་བཏང་ནས་གསར་དུ་བཙུགས་པའི་རླུང་འཕྲིན་ལས་ཁང་ཞིག་ཡིན་པ་དང་མི་མང་གི་བསམ་ཚུལ་འདྲ་མིན་སྣ་ཚོགས་འདོན་སའི་གླེང་སྟེགས་ཤིག་ཀྱང་ཡིན། ང་ཚོའི་གཞི་རྩའི་དམིགས་ཡུལ་ནི་རྒྱལ་སྤྱིའི་གསར་འགོད་བརྒྱུད་ལམ་ཁག་ལ་བརྟེན་ནས་དངོས་བྱུང་གི་གནས་ཚུལ་ཤེས་རྟོགས་ཐུབ་པར་བྱས་ནས་བསམ་བློ་འཆར་སྒོ་དང་སྨྲ་བརྗོད་ཀྱི་རང་དབང་དར་སྤེལ་གཏང་ཐུབ་པ་བྱ་རྒྱུ་ཡིན།