སྐྱེ་རྒུ་མདོའི་གནས་སྟངས་ངོ་སྤྲོད་གནང་བ།
2010.05.28
༄༅༎རྒྱ་ནག་གཞུང་གིས་ཉེ་སྔོན་བོད་ཁམས་སྐྱེ་རྒུ་མདོ་རུ་ས་ཡོམ་གྱི་གོད་ཆགས་ཕོག་མཁན་གྱི་བོད་མི་དེ་དག་ལ་ཁང་པ་གསར་རྒྱག་བྱས་པའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཁྱབ་བསྒྲགས་ཤུགས་ཆེན་བྱས་ཡོད་ཀྱང༌།དོན་དངོས་སུ་སྐྱེ་རྒུ་མདོ་རུ་རྒྱ་ནག་གི་ལས་ཁུངས་ཁག་གི་ཁང་པ་གསར་རྒྱག་གི་ལས་གཞི་ཐོག་ཤུགས་སྣོན་རྒྱོབ་བཞིན་ཡོད་པའི་སྐོར།སྐྱེ་རྒུ་མདོ་ནས་བོད་མི་ཞིག་གིས།འདི་གའི་གསར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་སུ་གནས་ཚུལ་ངོ་སྤྲོད་གནང་བར་གསན་རོགས༎