སྦཡེཌན་དང་ཞི་ཅིན་ཕིང་དབར་གྱི་དྲ་ཐོག་ལྷན་ཚོགས་ལ་བལྟ་བ།
རྩོམ་སྒྲིག་པའི་གླེང་སྟེགས་ཀྱི་ལས་རིམ་ནང་། ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་ཨ་རིའི་སྲིད་འཛིན་སྦཡེཌན་དང་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་དབར་དྲ་ཐོག་ལྷན་ཚོགས་ཐེངས་དང་པོ་གནང་སྟེ་ཕྱོགས་གཉིས་ཀྱི་དབར་ཕན་ཚུན་ཐོུང་གི་གནད་དོན་འགའ་ཞིག་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་ཚུད་པའི་ཐབས་བྱུས་ཀྱི་གནད་དོན་ཐོག་བཀའ་བསྡུར་ལྷུག་པོ་གནང་ཡོད་ཀྱང་། ཐེ་ཝན་དང་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱ་ནག་གཞུང་གིས་བརྡལ་བཤིག་གཏོང་གི་ཡོད་པ་འདི་སྲིད་འཛིན་སྦཡེཌན་གྱིས་ཤུགས་གནོན་བསྐྱོན་པའི་གནད་དོན་གཙོ་གྲས་ཞིག་ཆགས་ཡོད་རུང་། དོན་འབྲས་སོན་པའི་འབུར་ཐོན་གྱི་མཇུག་འབྲས་འདི་ཡིན་ཞེས་མངོན་རྒྱུ་མེད་པ་རེད། གཤམ་ལ་བཀྲིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་གཉིས་ཀྱིས་འགོ་ཁྲིད་གཉིས་ཀྱི་མཇལ་མོལ་དང་འབྲེལ་བའི་ཐད་དཔྱད་བསྡུར་གླེང་མོལ་ཞུས་པར་གསན་རོགས་ཞུ།
གསར་འགོད་པ། བཀྲིས་དབང་ཕྱུག་དང་བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།