ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པས་༧གོང་ས་མཆོག་དང་མཇལ་མོལ་གནང་བ།
2022.05.23
ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་ཨུཛ་ར་ཛི་ཡ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་པ་དང་འབྲེལ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་། བོད་མིའི་མང་གཙོའི་འགོ་ཁྲིད་རྣམ་པར་མཇལ་མོལ་སོགས་ཀྱི་ཨ་རིའི་ཆེས་མཐོའི་སྐུ་ཚབ་ཚོང་ཆུང་གི་འཚམས་གཟིགས་ལེགས་གྲུབ་བྱུང་ཡོད་པ་རེད།ཐེངས་འདིའི་རྩོམ་སྒྲིག་པའི་གླེང་སྟེགས་ཀྱི་ལས་རིམ་ནང་།དམིགས་བསལ་འབྲེལ་མཐུད་པའི་གོ་གནས་ཀྱི་གནད་འགག་དང་ཁོང་གི་ད་རེས་ཀྱི་ཕྱོགས་ཕེབས་ཀྱི་མཇུག་འབྲས་གང་འདྲ་ཞིག་ཡོང་མིན་ཐད་དཔྱད་གཞིའི་སླད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲ་ཤིས་དབང་ཕྱུག་ལགས་དང་བསྟན་འཛིན་བདེ་སྐྱིད་ལགས་གཉིས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།