བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཐོག་རྒྱ་ནག་དཔོན་རིགས་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན།

2023.02.27
བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཐོག་རྒྱ་ནག་དཔོན་རིགས་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན། ཨ་རིའི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ།
Photo: RFA

བོད་གཞིས་བྱེས་གཉིས་སུ་བོད་རྒྱལ་ལོ་ ༢༡༥༠ ཆུ་ཡོས་ལོའི་གནམ་ལོ་གསར་ཚེས་ཀྱི་དགའ་སྟོན་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར། ཨ་མི་རི་ཀའི་གཞུང་གིས་བོད་མིའི་རང་དབང་དང་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་ཐོག་རྒྱ་ནག་དཔོན་རིགས་ལ་གནོན་ཤུགས་སྤྲོད་རྒྱུ་ཡིན་པ་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་བོད་ཀྱི་ལོ་གསར་ལ་གཞུང་འབྲེལ་སྲུང་བརྩི་ཞུ་སྐབས་ནན་བརྗོད་གནང་ཡོད་པ་རེད། ཐེངས་འདིའི་བདུན་རེའི་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། འཛམ་གླིང་ཁྱོན་དུ་བོད་མིའི་རིག་གཞུང་དང་གནའ་བོའི་ཁྱད་ཆོས་ཀྱི་ངོ་བོ་ལྡན་པའི་གོམས་སྲོལ་ལ་ངོས་འཛིན་ཇི་ཙམ་ཐོབ་མིན་དང་། འདི་དག་གི་བརྒྱུད་རྒྱ་ནག་གཞུང་དང་བོད་མིའི་སྐུ་ཚབ་དབར་དོན་དམ་གྱི་གྲོས་མོལ་ཡོང་ཐབས་སུ་ཞབས་འདེགས་ཇི་ལྟར་བསྒྲུབ་རྒྱུ་ཡིན་མིན་བཅས་ཀྱི་ཐད་བཀྲིས་དབང་ཕྱུག་ལགས་དང་། བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་དཔྱད་གཞིའི་གྲོས་བསྡུར་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ། བཀྲིས་དབང་ཕྱུག་དང་བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎