ཨ་རིའི་སྲིད་འཛིན་ནས་རྒྱ་ནག་གི་ཚུལ་མིན་བྱ་སྤྱོད་ལ་གདོང་ལེན་གནང་རྒྱུ་ཡིན་གསུངས།
2021.02.05
ཨ་རིའི་སྲིད་འཛིན་འཇཱོ་སྦཡེ་ཌེན་མཆོག་གིས་ཨ་རིའི་ཕྱི་སྲིད་ལས་ཁུངས་སུ་ཨ་རིའི་ཕྱི་འབྲེལ་འཛིན་ཕྱོགས་སྐོར་གསུང་བཤད་ཐོག་མ་དེ་གནང་བའི་ནང་། རྒྱ་ནག་གིས་དཔལ་འབྱོར་ལམ་ལུགས་ལ་ཚུལ་མིན་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པའི་དྲག་རྩུབ་དང་བཙན་ཤེད་ཀྱི་བྱ་སྤྱོད་ལ་གདོང་ལེན་གནང་རྒྱུ་ཡིན་པ་གསུངས་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།