ཨ་རིའི་རྒྱལ་དོན་འཚམས་གཟིགས་འདི་ལམ་ལྷོང་ཆེན་པོ་བྱུང་བར་ངོས་འཛིན།
2023.06.28
རྒྱ་གར་གྱི་སྲིད་བློན་མོ་དྷི་ Modi མཆོག་གི་ཨ་མི་རི་ཀའི་ནང་རྒྱལ་དོན་འཚམས་གཟིགས་འདི་ལམ་ལྷོངས་ཆེན་པོ་བྱུང་བར་ངོས་འཛིན་བྱེད་བཞིན་འདུག་ཅིང་། གཙོ་བོ་ཨ་རི་དང་རྒྱ་གར་དབར་དཔལ་འབྱོར་དང་ཚོང་ལས་རྒྱ་སྐྱེད་ཤུགས་ཆེ་གཏོང་རྒྱུར་མོས་མཐུན་བྱུང་བ་མ་ཟད། བདེ་འཇགས་ཐབས་བྱུས་ཀྱི་འབྲེལ་ལམ་ཡང་གོང་མཐོར་གཏོང་རྒྱུར་མོས་མཐུན་བྱུང་ཡོད་པ་རེད། དམིགས་བསལ་སྲིད་བློན་མོ་དྷི་མཆོག་གིས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཆརཌ་གྷི་ཡར་ལགས་དང་སློབ་དཔོན་ཐར་མན་སོགས་མཇལ་འཕྲད་གནང་པ་དེས་སྲིད་བློན་མོ་དྷི་མཆོག་གིས་རྒྱ་ནག་ལ་ཆབ་སྲིད་ཀྱི་བརྡ་ལན་ཞིག་སྤྲད་ཡོད་པ་གནད་དོན་དབྱེ་ཞིབ་པས་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། མཁའ་འགྲོ་དབྱངས་འཛོམས་ལགས་ཀྱིས་ཕྱོགས་སྒྲིག་ཞུས་པའི་གནས་ཚུལ་དཔྱད་གཏམ་ཞིག་གསན་རོགས་གནང་།
གསར་འགོད་པ། མཁའ་འགྲོ་དབྱངས་འཛོམས།
རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།