མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པས་རྒྱ་ནག་གི་སྐུ་ཚབ་ལ་བོད་ནང་གི་གནས་སྟངས་ཐད་ཐུགས་འཚབ་ཡོད་གསུངས་འདུག
2023.02.17

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རིག་གཞུང་གི་རང་དབང་སྐོར་གྱི་ལྷན་ཚོགས་ཀྱི་ཚོགས་ཆུང་གི་ཚོགས་ཐེངས་༧༣པའི་ཐོག་ཆེད་ལས་པས་རྒྱ་ནག་གཞུང་གི་སྐུ་ཚབ་ཚོགས་ཆུང་ལ་བོད་ནང་གི་ཆོས་དད་རང་དབང་དང་བོད་མིའི་གནས་སྟངས་སྐོར་སེམས་འཚབ་ཡོད་པ་གསལ་སྟོན་གྱིས་དྲི་བ་བཏང་བར། རྒྱ་ནག་གི་སྐུ་ཚབ་ཚོགས་པས་ལན་འདེབས་སྐབས་སུ་རྒྱ་ནག་གཞུང་གིས་བོད་ནང་ཆོས་ལུགས་ཀྱི་དད་མོས་ཀྱི་རང་དབང་གི་སྲིད་བྱུས་འཛིན་བཞིན་ཡོད་པ་དང་། མི་རིགས་ལ་དབྱེ་འབྱེད་བྱེད་ཀྱི་མེད་པའི་སྐོར་ལན་འདེབས་བྱས་ཡོད་པའི་སྐོར། ཚེ་དབང་ནོར་བུ་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། ཚེ་དབང་ནོར་བུ།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག