CONIFA བེུད་རྐང་རྩེད་འགྲན་བསྡུར་ཐེངས་དང་པོ་དེ་བོད་རྒྱལ་ཡོངས་ཚོགས་པས་གོ་སྒྲིག་ཞུ་རྒྱུ།
2022.03.24
མི་རབས་གསར་པའི་ལེ་ཚན་ནང་ CONIFA ཞེས་པའི་སྒྲིག་འཛུགས་ཀྱིས་FIFA འམ་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་སྒྲིགས་ཁོངས་སུ་ངོས་འཛིན་མེད་པའི་ས་ཁོངས་དང་རྒྱལ་ཁབ་དེ་བཞིན་གྲངས་ཉུང་མི་རིགས་བཅས་པར་ རྒྱལ་སྤྱིའི་ཐོག་རྩེད་འགྲན་གྱི་གོ་སྐབས་བསྐྲུན་རྒྱུའི་ལས་དོན་གྱི་ཆ་ཤས་སུ་ འདི་ལོ་CONIFA འཛམ་གླིང་བེུད་རྐང་རྩེད་འགྲན་བསྡུར་ཐེངས་དང་པོ་དེ་ བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པར་གོ་སྒྲིག་ཞུ་རྒྱུའི་མགྲོན་བདག་ཕུལ་ཡོད་པ་དང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཐོག་ནས་རྩེད་འགྲན་གྱི་གྲ་སྒྲིག་སྐོར་རྩེད་རིགས་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བསྟན་འཛིན་རིན་ཆེན་ལགས་སུ་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་གནས་འདྲི་ཞུས་པ་གསན་རོགས་གནང་།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།