ཨ་རིའི་ཕྱི་སྲིད་ལྷན་ཁང་དུ་བོད་ཀྱི་ལོ་གསར་སྲུང་བརྩི་ཞུས་ཡོད་པ།
2020.02.19

སྤྱི་ཟླ་༢་པའི་ཚེས་༡༨ཉིན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ལ་ངོས་འཛིན་མཚོན་ཆེད་དུ་བོད་རྒྱལ་ལོ་༢༡༤༧ ལྕགས་བྱི་གནམ་ལོ་གསར་བཞད་ཀྱི་མཛད་སྒོ་ཞིག་ཕྱི་སྲིད་ལྷན་ཁང་གི་ཚོགས་ཁང་ཞིག་ཏུ་སྐུ་ཚབ་དོན་གཅོད་མཆོག་གིས་དབུས་པའི་འབྲེལ་ཡོད་གཞུང་འབྲེལ་མི་སྣ་དང་རྒྱལ་སའི་མངའ་ཁུལ་དུ་གནས་པའི་བོད་རིགས་བཅས་གདན་ཞུ་གནང་སྟེ་སྲུང་བརྩི་གནང་ཡོད་པའི་སྐོར་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་ཆེད་གཉེར་གསར་དགོད་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གནས་ཚུལ་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།