ལིཐུཝེནིཡ་གྲོས་ཚོགས་སུ་བོད་དོན་ཉན་ཞིབ།

ལིཐུཝེནིཡ་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་གནང་སྟེ། བོད་འདི་ནམ་ཡང་རྒྱ་ནག་གི་ཆ་ཤས་ཆགས་མྱོང་མེད་ཅེས་པའི་ཐོག་ཕྱི་ཟླ་ ༡༡ ཚེས་ ༧ ཉིན་གྲོས་བསྡུར་ཞུས་ཡོད་ཅིང་། འདི་ནི་གཙོ་བོ་ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་རྒྱབ་སྐྱོར་ཐོག་ནས་གནང་པ་ཡིན་པ་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཕརཱ་སི་བསོད་ནམས་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། ལིཐུཝེནིཡ་གྲོས་ཚོགས་འཐུས་མི་ཚོར་མཇལ་འཕྲད་སྐབས་བོད་དོན་ཐོག་གྲོས་ཆོད་གཏན་འབེབས་གནང་རྒྱུ་དང་ཡོ་རོབ་མཐུན་ཚོགས་ཀྱི་ནང་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་ཡོང་ཐབས་སུ་འབོད་སྐུལ་ཞུས་གནང་འདུག གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལིཐུཝེནིཡ་གྲོས་ཚོགས་སུ་བོད་དོན་ཉན་ཞིབ་དང་། དེ་བཞིན་ཉེ་ཁུལ་གྱི་སྦལ་ཊིག་རྒྱལ་ཁབ་ཁག་ཅིག་དང་བོད་དབར་གྱི་འབྲེལ་ལམ་ཉེ་པོ་ཡོད་པ་འདིའི་ཐད་རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།
གསར་འགོད་པ་བཀྲིས་དབང་ཕྱུག
རྩོམ་སྒྲིག་པ་ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན་རྟ་མགྲིན་དབང་ཕྱུག