རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་ཐོག་བོད་ཀྱི་ཁོར་ཡུག་གནས་སྟངས་གོ་རྟོགས་སྤེལ་བ།
2019.12.12

མི་རབས་གསར་པའི་ལེ་ཚན་ནང་ རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་རྒྱལ་སྤྱིའི་ལྷན་ཚོགས་ཐེངས་༢༥པའི་སར་ བོད་ཀྱི་ཁོར་ཡུག་སྐུ་ཚབ་ཚོགས་ཆུང་ནས་ མཐོ་སྒང་བོད་ཀྱི་ཁོར་ཡུག་གི་གནད་འགག་དང་གནས་སྟངས་ལ་ཞུ་གཏུགས་དང་གོ་རྟོགས་ཀྱི་ལས་འགུལ་རྒྱ་ཆེ་སྤེལ་ཐུབ་པ་བྱུང་འདུག ཞིབ་ཕྲ་འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་བཅར་འདྲི་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་གནང་།།