ཨའོས་ཊེ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བོད་མི་ཚོས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཡོད་པ།

2022.11.26
ཨའོས་ཊེ་ལི་ཡའི་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་བོད་མི་ཚོས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་སྤེལ་ཡོད་པ། རྒྱལ་ཡོངས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་། ཁེན་སྦེ་ར་ནས་ལོ་ན་ ༡༩ ཡིན་པའི་སྐལ་བཟང་སྒྲོལ་དཀར་ལགས། སིཌ་ནི་ནས་ན་གཞོན་ཡིན་པ་ཡ་མ་ཆོས་འཛོམས།
བཀྲིས་དབང་ཕྱུག

ཕྱི་ཟླ་ ༡༡ ཚེས་ ༢༡ དང་ ༢༢ བཅས་ཉིན་གཉིས་རིང་ཨའོས་ཊརེ་ལི་ཡ་གྲོས་ཚོགས་གོང་འོག་གི་འཐུས་མི་ ༣༤ ཙམ་ལ་ཡུལ་དེའི་མི་སེར་ཡིན་པའི་བོད་མི་ཚོས་ངོ་བཅར་ཞུས་ཏེ་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་ཡོད་ཅིང་། བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ལ་གྲོས་ཚོགས་ནང་དགའ་བསུའི་ངོས་བཞེས་ཀྱི་ཚུལ་དུ་གྲོས་ཚོགས་གོང་མའི་འཐུས་མི་ཇེནེཊ་རཡེསི་ལགས་ཀྱིས་གཏམ་བཤད་གནང་པ་སོགས་རྣམ་འགྱུར་བསྟན་གནང་ཡོད་པ་རེད། ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ལས་འགུལ་ནང་དངོས་སུ་ཞུགས་མཁན་རྒྱལ་ཡོངས་བོད་མིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་དང་། ཁེན་སྦེ་ར་ནས་ལོ་ན་ ༡༩ ཡིན་པའི་སྐལ་བཟང་སྒྲོལ་དཀར་ལགས། སིཌ་ནི་ནས་ན་གཞོན་ཡིན་པ་ཡ་མ་ཆོས་འཛོམས་ལགས་བཅས་དང་ལྷན་འདི་གའི་རྩོམ་སྒྲིན་འགན་འཛིན་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་འགན་འཛིན། རིག་ལྡན་སྒྲོལ་མ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎