མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་ལ་བསྐྱར་ཞིབ་དང་བོད་དོན།
2018.11.08

༄༅། །གཏམ་གླེང་ཞལ་པར་ལེ་ཚན་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐོང་གི་གནས་སྟངས་ཐོག་བསྐྱར་ཞིབ་གནང་ཡོད་ཅིང་། ད་ཐེངས་ཀྱི་བསྐྱར་ཞིབ་འདིའི་ཐོག་རྒྱལ་ཁབ་ཁག་ཅིག་གིས་ཐད་ཀར་བོད་ཀྱི་གནས་སྟངས་ཐད་འདྲི་རྩད་གནང་ཡོད། བསྐྱར་ཞིབ་འདི་དབུ་འཛུགས་མ་གནང་གོང་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་ཚོགས་པ། རྒྱབ་སྐྱོར་བ་སོགས་མང་པོས་བོད་ནང་གི་གནས་སྟངས་སྐོར་ལ་ངོ་སྤྲོད་ཞུ་གཏུག་གནང་བ་དང་དེས་རྒྱ་ནག་ལ་གནོན་ཤུགས་ཇི་ཙམ་ཡོང་མིན་སོགས་ཀྱི་སྐོར་ལ་འབྲེལ་ཡོད་དང་ལྷན་དུ་སྒྲོལ་དཀར་ལགས་ཀྱིས་བཀའ་མོལ་ཞུས་པ་ཞིག་གསན་རོགས།།
གསར་འགོད་པ་སྒྲོལ་དཀར།