བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་མང་ཚོགས་ལ་གལ་གནད་ཆེ།
2021.03.05
ཡོ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲ་ཐོག་ལྷན་ཚོགས་ཤིག་དང་འབྲེལ་ནས། ཡོ་རོབ་གྲོས་ཚོགས་འཐུས་མི་ གུཡེརེརོ་ཧྥརེན་སིསྐོ་ལགས་ཀྱིས་བོད་ཀྱི་གནད་དོན་ནི་མི་སྤྱོད་རིང་ལུགས་དང་ཁོར་ཡུག་སྣོད་བཅུད་ཀྱི་གནས་བབ་ཐོག་ནས་རྒྱལ་སྤྱིའི་མང་ཚོགས་ལ་གལ་ཆེ་དོན་ཆེན་གྱི་གནད་དོན་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་གསུངས་པ་དང་། སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་རྒྱ་ནག་དམར་ཤོག་རིང་ལུགས་ཀྱི་བཀའ་བཀོད་རྒྱུད་འཛིན་ལམ་ལུགས་འདི་འཛམ་གླིང་ནུབ་ཕྱོགས་མང་གཙོའི་ལམ་ལུགས་ལ་ཉེན་ཁ་ཆེ་ཤོས་དེ་རེད་ཅེས་གསུངས་སོང་། གནས་ཚུལ་རྒྱས་པ་བཀྲིས་དབང་ཕྱུག་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།