མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཧོང་ཀོང་ནང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཅེས་པའི་ཁྲིམས་ཡིག་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་བཏོན་པ།
2022.08.02

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཧོང་ཀོང་ནང་གི་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཅེས་པའི་ཁྲིམས་ཡིག་འདི་ཕྱིར་འཐེན་བྱ་དགོས་པའི་དགོས་འདུན་བཏོན་ཡོད་ཅིང་། རྒྱ་ནག་གཞུང་གིས་ཁྲིམས་ཡིག་འདི་ ༢༠༢༠ ལོ་ནས་ལག་བསྟར་འགོ་འཛུགས་བྱས་པའི་རྗེས་ཧོང་ཀོང་གི་ནང་དུ་གནད་འགག་ཅན་གྱི་ཆབ་སྲིད་པ་དང་། གསར་འགོད་པ། མི་མང་བཅས་མི་གྲངས་ ༢༠༠ ལྷག་འཇུ་བཟུང་བྱས་ཏེ་ཉེས་ཅན་པ་རྩིས་སྤྲོད་ཀྱི་ཁོངས་ནས་རྒྱ་ནག་ལ་བཏང་སྟེ་ཞིབ་འཇུག་དང་། ཁྲིམས་གཏུག ཉེས་ཆད་བཀལ་རྒྱུའི་ཉེན་འགན་ཞིག་ཕྲད་ཡོད་པ་རེད། གཤམ་ལ་དཔྱད་བརྗོད་གླེང་སྟེགས་ཀྱི་ལས་རིམ་ནང་། བསྟན་འཛིན་བདེ་སྐྱིད་ལགས་དང་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གསན་རོགས་གནང་།།
གསར་འགོད་པ། བཀྲིས་དབང་ཕྱུག་དང་བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག