༸གོང་ས་མཆོག་དང་ལྷན་དུ་ལས་གཞི་སྤེལ་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་ཞུས་ཀྱི་ཡོད་ཅེས་གསུངས་བ།
2023.01.27

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཕྱོགས་སྒྲིག་ཞུས་པའི་འཛམ་གླིང་མི་མང་ལ་ཐུགས་རེའི་བརྡ་ལན་ཞིག་འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་དྲུག་གི་ནང་མི་ཚོགས་འདུ་འཛོམས་ཆེ་ཤོས་བྱེད་ཡུལ་གྱི་གྱང་སྟེང་བརྙན་འཕྲིན་བྱང་བུའི་ཐོག་གཟིགས་འབུལ་ཞུ་བཞིན་ཡོད་ཅིང་། CIRCA ལྟེ་གནས་ཁང་གི་སྒྱུ་རྩལ་འགན་འཛིན་སྐུ་ཞབས་ Josef O’Connor ལགས་ཀྱིས་ལྟེ་གནས་ཁང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་དེ་འབྲེལ་ལས་གཞི་སྤེལ་རྒྱུ་བྱུང་བ་ནི་སྐལ་པ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པའི་སྐོར་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག