ཐེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ།
2020.07.09

༄༅།།ཐེ་ཝན་གྱི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་བསྐྱར་འཛུགས་གནང་བ་མ་ཟད།ད་རེས་ཐེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ནང་འཐུས་མི་༤༦ཙམ་ཡོད་པ་དེ་ནི་དེ་སྔ་བྱུང་མེད་པ་ཞིག་ཡིན་པ་དང་།ད་རེས་སྤྱི་༧ཚེས་༨ཉིན་ཚོགས་པ་དེའི་གསར་འགོད་གསལ་བསྒྲགས་གནང་སྐབས་༧གོང་ས་རྒྱལ་བ་རིན་པོ་མཆོག་ཐེ་ཝན་ནང་གདན་ཞུ་གནང་དགོས་པ་སོགས་ཀྱི་གཏམ་བཤད་གནང་ཡོད་པའི་སྐོར་ཚེ་དབང་ནོར་བུས་གནས་ཚུལ་ཕྱོགས་བསྒྲིགས་བྱས་ཏེ་སྙན་སྒྲོན་ཞུས་པ་གསན་རོགས་ཞུ།