ཐེ་ཝན་གྱི་འོས་བསྡུ་ཆེན་མོ་དང་རྒྱ་ནག
རྒྱ་ནག་པེ་ཅིང་གཞུང་ལ་དགོས་ན་འདོད་པའི་ཐེ་ཝན་དེ་ལོ་ཟླའི་འགྲོས་དང་མཉམ་དུ་མེད་པ་ཆགས་བཞིན་ཡོད་ལ། གནད་དོན་དབྱེ་ཞིབ་པས་ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་ཀྱིས་ཤོག་བུ་སྣུམ་ཟོས་བཞིན་རིམ་པས་རྒྱ་ནག་སྐམ་སར་ཤུགས་རྐྱེན་ཐེབས་བཞིན་ཡོད། རྒྱ་ནག་མའོ་ཙེ་ཏུང་ནས་ཞི་ཅིན་ཕིང་གི་བར་ཐེ་ཝན་ཟ་འདོད་ཡོད་ཀྱང་ཟ་ཐུབ་མེད་པར་ངོས་འཛིན་བྱས་ཡོད་པའི་སྐོར། སྟག་ལྷ་རྒྱལ་གྱིས་གནས་ཚུལ་ཕྱོགས་བསྒྲིགས་བྱས་པ་ཞིག་དང་། ཡང་རིང་མིན་ཕྱི་ཟླ་༡ཚེས་༡༣ཉིན་ཐེ་ཝན་ནང་རྒྱལ་ཡོངས་འོས་བསྡུ་ཆེན་མོ་གནང་གི་ཡོད་པ་དང་འབྲེལ་ཐེངས་འདིའི་འོས་བསྡུ་འདི་བཞིན་ཐེ་ལྦན་གླིང་ཕྲན་ནང་ལོ་རྒྱུས་རང་བཞིན་གི་དུས་ཚིག་ཞིག་ཡིན་སྐོར་དང་འོས་བསྡུའི་གྲུབ་འབྲས་ཀྱི་གལ་འགངས་སྐོར་འབྲེལ་ཡོད་མི་སྣར་བཀའ་འདྲི་ཞུས་པ་བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་སྙན་སྒྲོན་གནང་གི་རེད།
གསར་འགོད་པ། སྟག་ལྷ་རྒྱལ། བསྟན་འཛིན་བདེ་སྐྱིད།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།