ཨའོསི་ཊརེ་ལི་ཡ་བོད་དོན་ཚོགས་པས་བོད་ནང་བཙན་དབང་ཐོག་ངལ་རྩོལ་བཀོལ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་ཡོད་པ།
2023.05.25

ཨའོསི་ཊརེ་ལི་ཡ་བོད་དོན་ཚོགས་པས (Australia Tibet Council) རྒྱ་ནག་གཞུང་གིས་བོད་མི་ཚོར་བཙན་དབང་ཐོག་ངལ་རྩོལ་བཀོལ་སྤྱོད་བྱེད་བཞིན་པའི་བྱ་སྤྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་བ་དང་། ཡང་ཨའོསི་ཊརེ་ལི་ཡ་གྲོས་ཚོགས་འཐུས་མིས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་གསུངས་འདུག་པ་དེ་ནི། གནད་འགག་ཅན་ཞིག་ཡིན་པ་ཨའོསི་ཊརེ་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
རྩོམ་སྒྲིག་འགན་འཛིན་བཀྲིས་དབང་ཕྱུག་ལགས་དང་བསོད་ནམས་ལྷ་མོ་ལགས་ཐུན་མོང་གིས་ཕྱོགས་སྒྲིག་ཞུས་ཏེ་བཀྲིས་དབང་ཕྱུགས་ལགས་ཀྱིས་སྙན་སྒྲོན་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་འགན་འཛིན། བཀྲིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག