ཨ་རི་དང་རྒྱ་ནག་གི་ཆེས་མཐོའི་སྐུ་ཚབ་དབར་མཇལ་མོལ།

2021.03.24
ཨ་རི་དང་རྒྱ་ནག་གི་ཆེས་མཐོའི་སྐུ་ཚབ་དབར་མཇལ་མོལ། ཨ་རིའི་གཞུང་འཛིན་གསར་པའི་ཆེ་མཐོའི་སྐུ་ཚབ་དང་རྒྱ་ནག་གི་ཆེས་མཐོིའི་སྐུ་ཚབ་དབར་ཐེངས་དང་པོའི་མཇལ་འཕྲད་གྲོས་མོལ་གྱི་གྲུབ་འབྲས་སྐོར་གླེང་བ།
ཨེ་ཨེཕ་པི།

ཉེ་ལམ་ཨ་རིའི་མངའ་སྡེ་Alaskaཡི་གྲོང་འཁྱེར་Anchorage དུ་ཨ་རིའི་དང་རྒྱ་ནག་གཉིས་དབར་གྱི་མཐོ་རིམ་གྱི་ལས་སྣེ་དབར་མཇལ་ཕྲད་བཀའ་སྡུར་ཉིན་༢རིང་གནང་རྗེས་སུ་ཐུན་མོང་གི་ཟུང་འབྲེལ་སྒྲགས་གཏམ་དང་གྲོས་མཐུན་ཇི་བྱུང་ཡོད་མེད་སོགས་ཀྱི་གནས་ཚུལ་ཕྱི་བསྒྲགས་གང་ཡང་མེད་པ་རེད།གནད་དོན་དབྱེ་ཞིབ་པ་ཚོས་སྔོན་ཚུད་ནས་ད་ཐེངས་ཀྱི་གྲོས་མོལ་དེས་བརྒྱུད་ན་ཕྱི་འབྲེལ་གྱི་འབྲེལ་ལམ་ཐོག་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་གང་ཡང་བཏང་ཐུབ་རྒྱུ་མིན་པ་ཚོད་དཔག་བྱས་ཡོད་ལ།ཡང་འགའ་ཞིག་གིས་གོ་ལའི་གནམ་གཤིས་འགྱུར་འགྲོས་དང་བདེ་འཇག་སོགས་ཀྱི་སྐོར་ཐུན་མོང་གི་གཞི་བརྟེན་ཞིག་འཚོལ་ཐུབ་ཡོད་པ་སོགས་བརྗོད།ད་ཐེངས་རྒྱུན་ལྡན་ལྟར་མ་འདྲ་བའི་ཡུལ་གཉིས་ཀྱི་ཆེ་མཐོའི་དབུ་འཁྲིད་བར་གྱི་ཚོགས་འདུ་འགོ་འཛུགས་སྟངས་དང་མཇུག་བསྡོམས་སོགས་ཀྱི་སྐོར་བོད་དོན་གླེང་སློང་ཇི་བྱུང་བ་དང་དེ་མིན་འབྲེལ་མོལ་དེའི་བརྒྱུད་ནས་ཡུལ་གཉིས་ཀྱི་མ་འོངས་ཕྱི་འབྲེལ་གྱི་ཁ་ཕྱོགས་ཇི་ལྟར་ཞིག་ལ་མཐུད་བསྐྱོད་ཐུབ་མིན་གྱི་སྐོར།ཨ་རིའི་ཁོ་ལོ་བྷི་ཡ་གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་ཆབ་སྲིད་ཐོག་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཚེ་དབང་རིག་འཛིན་ལགས་དང་ཝི་ཇི་ནའི་གཙུག་ལག་སློབ་ཆེན་གྱི་རང་དབང་ཅན་གྱི་བོད་རྒྱ་སྐབས་དོན་དབྱེ་ཞིབ་པ་བསྟན་འཛིན་ཐོས་བསམ་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་གསན་རོགས།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎