ཐེ་ཝན་ལ་བོད་མིའི་རང་ལུས་མེར་བསྲེཊ་སྐོར་བགྲོ་གླེང་།
2014.02.17

ཐེ་ཝན་ལ་མང་ཚོགས་དང་སློབ་ཕྲུག་མཉམ་དུ་བོད་མིའི་རང་ལུས་མེར་བསྲེགས་སྐོར་ལ་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཡོད་འདུག
དེ་ཡང་དེ་རིང་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་དོན། ཟླ་༢་པའི་ཚེས་༡༤་ཉིན་གྱི་དགོང་དྲོར་ཐེ་ཝན་ནང་རྟེན་གཞི་བྱེད་པའི་ཀ་ཐོ་ཕི་ལོ་ཚོགས་པའི་གོ་སྒྲིག་འོག་ཐེ་པེ་མང་ཚོགས་ཀྱི་ཚོགས་ཁང་ཆེན་མོའི་ནང་། མང་ཚོགས་དང་སློབ་ཕྲུག་གི་ཁྲོད་བོད་ནང་གི་བོད་མིའི་རང་ལུས་མེར་སྲེག་སྐོར་ཀྱི་བགྲོ་གླེང་ལས་རིམ་ཞིག་ཚོགས་ཡོད་པ་དང་། དེ་ནི་ཉེ་ཆར་ཐེ་ཝན་གྱི་སློབ་གྲ་ཆེན་མོའི་སློབ་མ་ཚོས་ལོ་ངོ་ཉི་ཤུ་རྩ་ལྔའི་སྔོན་ཐེ་ཝན་མང་ཚོགས་ཀྱི་རང་དབང་ཆེད་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་པ་ཀྲང་རུ་དབྱིའི་ཆོད་སེམས་ལ་རྗེས་དྲན་ཞུ་བའི་སྐབས། སློབ་གྲ་ཆེན་མོའི་དགེ་རྒན་ཞིག་ནས་རང་ལུས་མེར་སྲེག་གི་བྱ་སྤྱོད་ནི་འཇིགས་སྐུལ་གྱི་བྱ་སྤྱོད་ཡིན་སྐོར་གྱི་གཏམ་བཤད་སྤེལ་བར་དགག་ལན་དང་། ཐེ་ཝན་གྱི་རྒྱལ་གཅེས་པ་ཀྲང་རུ་དབྱི་ལགས་དང་དུས་ད་ལྟ་བར་དུ་བོད་མིའི་རང་དབང་ཆེད་རང་ལུས་མེར་སྲེག་གནང་མཁན་བོད་མིའི་ཚོའི་ལས་འགུལ་ནི་འཚེ་བ་མེད་པ་ཡིན་སྐོར་རྒྱ་རིགས་མང་ཚོགས་ཁྲོད་ལ་ངོ་སྤྲོད་ཆེད་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། ལྷག་པར་དུ་བགྲོ་གླེང་ལྷན་ཚོགས་སྐབས་བོད་ནང་གི་བོད་མིའི་རང་ལུས་མེར་སྲེག་སྐོར་ལ་ཐེ་ཝན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་མིས་ངོ་སྤྲོད་གསུང་བཤད་ཀྱང་གནང་ཡོད་པ་རེད་འདུག
གསར་འགོད་པ་འཇམ་དཔལ་ཕུན་ཚོགས།