ཨ་རིའི་འཛམ་གླིང་ནང་གི་ཆོས་དད་རང་དབང་གྱི་གནས་བབས་ཐད་ཀྱི་ལོ་འཁོར་སྙན་ཐོ།
2021.05.13

ཕྱི་ཟླ་ ༥ ཚེས་ ༡༢ ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་འཛམ་གླིང་ནང་གི་ཆོས་དད་རང་དབང་གྱི་གནས་བབས་ཐད་ཀྱི་ལོ་འཁོར་སྙན་ཐོ་དེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་ སྦིལན་ཀན་གྱི་མཚན་ཐོག་ནས་འགྲེམ་སྤེལ་གནང་ཞིང་།དེའི་ནང་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ཐད་ཕྱོགས་ཡོངས་ནས་བརྡོག་རོལ་དང་།ཆོས་ཕྱོགས་ཀྱི་བྱ་བཞག་ཁག་ལ་མུ་འཐུད་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་བཀོད་འདུག བསྟན་འཛིན་བདེ་སྐྱིད་ལགས་ཀྱིས་གནས་ཚུལ་རྒྱས་པ་སྙན་སྒྲོན་གནང་བར་གསན་རོགས།།
གསར་འགོད་པ་བསྟན་འཛིན་བདེ་སྐྱིད།