བོད་མི་སྒེར་ལངས་ཉིན་མོར་སྲུང་བརྩི་གནང་རྒྱུའི་བསྒྲགས་གཏམ།

༄༅།།ཐེངས་འདིའི་གནད་དོན་གླེང་མོལ་གྱི་ལས་རིམ་ནང་། ཨ་རིའི་ནུབ་ཕྱོགས་ལྷོ་ཁེ་ལི་ཕོར་ནི་ཡའི་ཁུལ་སན་ཊ་སྦར་སྦ་ར་རྫོང་གིས་འདི་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་བོད་མི་སྒེར་ལངས་ཉིན་མོར་སྲུང་བརྩི་གནང་རྒྱུའི་བསྒྲགས་གཏམ་སྤེལ་བ་དང་། དེ་ཉིན་ཁུལ་དེར་བོད་ཀྱི་རྒྱལ་དར་ཐོག་མར་སྒྲེང་འཛུགས་གནང་བ་བཅས་བྱུང་ཡོད་པ་རེད། དེ་བཞིན་གྲོང་སྡེ་ལྷན་ཚོགས་ངོས་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་ ༨༥ པའི་ཐོག་ལ་འཚམས་ཞུའི་བསྒྲགས་གཏམ་སྤེལ་བའི་ནང་འཁྲུངས་སྐར་དུས་ཆེན་འདི་བཞིན་བྱམས་བརྩེའི་ཉིན་མོར་གསལ་བསྒྲགས་གནང་བ་སོགས་བྱུང་ཡོད་པ་རེད། ཁུལ་དེའི་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་དང་ཨ་མི་རི་ཀ་སྤྱི་དང་ལྷག་པར་ཨ་རིའི་ཁེ་ལི་ཕོར་ནི་ཡའི་ནང་གི་བོད་དོན་རྒྱབ་སྐྱོར་སྐོར་ཐེ་པོ་སྤྲུལ་སྐུ་མཆོག་ལ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།།
གསར་འགོད་པ་བཀྲ་ཤིས་དབང་ཕྱུག